| e-texts navigator |
| Wylie |
202a1 མི་གཡོ་གནས་ཕྱིར་རོ།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན
202a2 མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན།། སངས་རྒྱས་དང་ནི་ལྷག་པ་ཚུངས་པ་མེད།། ལྷ་དང་མིའི་སྟོན་པ་བླ་ན་མེད།།
202a3 སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག། ངོ་མཚར་ཤིན་ཏུ་རྨད་བྱང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག
202a4 ན་བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སོས་ཀའི་ཟླ་བ་དང་པོར་ཐུབ་པ་ཡིས།། ནགས་ཁྲོད་ཆོས་ཀྱི་གདམ་པར་གང་བརྙེས་པ།། ཆོས་དེ་དང་ནི་མཚུངས་པ་འམ་ལྷག
202a5 པ་མེད།། འདི་ལ་དེར་རེག་གྲངསུ་ཕྱིར་མི་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན
202a6 མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སྡིག་པ་རྙིང་ཟད་གསར་དུ་བྱས་མེད་ལ།། རིམས་ནད་མེད་ཅིང་འཇིགས་མེད་མྱ་ངན་བྲལ།། སྲེད་པ་འགགས་པས་རྩ་བ
202a7 མི་སྐྱེ་བ།། བརྟན་མར་མེ་བཞིན་དུ་ཞི་བར་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན
202a8 མཆོག་ན། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག།། བདེ་ལེགས་ཀྱི་ཚིག་སུ་བཅད་པ་རྫོགས་སྷོ།།