e-texts navigator
Collection
Volume
Page
Wylie

201a1 འདི་ནི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཏིང་འཛིན་དམ་པ་བར་ཆད་མེད་པ་གང་།། མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གགགས
201a2 གསུངས་པ།། ཏིང་འཛིན་དེ་བརྟེན་རྡོ་རྗེ་དཔེར་བྱས་ནས།། ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དོ།། ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག།
201a3 ཇི་ལྟར་ངའི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཇི་ལྟར་སྒོ་གཏན་བརྟེན་ཞིང་རབ་དམ་སྟེ།། སྟོབས་ཆེན་རླུང་བཞི་དག་གིས་མི་སྐྱོད་པ།། དེ་ལྟར་མཁས་པ
201a4 བཞི་མཐོང་བདེན་གནས་པའང་།། འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོས།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི
201a5 ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས།། ཐམས་ཅད་མཁྱེན་པའི་སྟོབས
201a6 རྣམས་ཀུན་དང་ལྡན།། ཀུན་གྱི་དམ་པ་འཇིགས་པ་ཀུན་དང་བྲལ།། བསམ་པ་ཀུན་མཁྱེན་འདི་ན་བཅོམ་ལྡན་གཅིག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི
201a7 སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད།།
201a8 སྐྱོན་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ།། ཤིན་ཏུ་དགའ་ཞིང་གྱ་ནོམ་ངེས་པར་བྱུང་།། ཤིན་ཏུ་དྲི་མེད་ཞི་བ་བློ་མི་འཕྲོགས།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།




iiif viewer powered by OpenSeadragon

200b - 201b

Texts on this page

F99 - bde legs kyi tshigs su bcad pa