| e-texts navigator |
| Wylie |
200b1 ནི་གང་ཡོད་པ།། དེ་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ།། ཅིས་ཀྱང་གྲགས་པར་དང་བགྲང་དང་ཆར་མི་ཕོད།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས
200b2 པའི་སངས་རྒྱས་རིན་ཆེན་མཆོད་རྟེན་མཆོག། ཇི་ལྟར་ངའི་འདི་ནི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཞི་འགོག་བདུད་རྩི་ཤིན་ཏུ
200b3 གྱ་ནོམ་གང་།། ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པ།། ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ།། དེ་མངོན་བྱས་ན་ཕྱིན་ཆད་མ་ངན་མེད།། ངོ་མཚར་ཤིན་ཏུ་རྨད་བྱང
200b4 དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་ནི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། རྒྱལ་བས
200b5 གང་དག་གང་ཟག་བརྒྱད་པ་གསུངས་པ།། དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ།། སྤྲིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན།། དེ་དག་རྣམས་ལ་བྱིན་ན་དཔག
200b6 མེད་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་ནི་དེ་བཞིན་བདེན་མཆོག་ན།། བདེན་པ
200b7 འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ།། འོད་མཆོག་དཔའ་བོ་དམ་པ་མཆོག་གིས་འོས།། ཤེས་རབ་དམ་པ་ཆོས་ཀྱི་དམ་པ་མཆོག།
200b8 མཆོག་སྦྱིན་མཆོག་མཁྱེན་འདི་ན་བཅོམ་ལྡན་གཅིག། ངོ་མོཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི