e-texts navigator
Collection
Volume
Page
Wylie

200a1 པོ་ཐམས་ཅད་མི་རྟག་པས་ན། ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་སྒོམ་པར་བྱའོ།། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན
200a2 དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་སྒོམ་པར་བྱའོ།། བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་རང་བཞིན་རྣམ་པར་དག་པས། དངོས་པོ་མེད་པའི་འདུ
200a3 ཤེས་སྒོམ། བྱང་ཆུབ་སེམས་དང་རབ་ལྡན་པས།། ཅི་ལའང་མི་ཆགས་འདུ་ཤེས་སྒོ།། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ།། སངས་རྒྱས་གཞན་དུ་མ་ཚོལ་ཅིག། བཅོམ་ལྡན་འདྲ
200a4 ཀྱི་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
200a5 མངོན་པར་བསྟོད་དོ།། །། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
200a6 རྒྱ་གར་སྐད་དུ། སཱ་སྟི་ག་ཐཱ། བོད་སྐདདུ། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ
200a7 ཞིག་ཉེ་བར་འོངས་སུ་ནས་སུ།། ལྷས་མཆོད་པ་ལ་ཞུས་བྱས་ཏེ།། སངས་རྒྱས་ཆེན་པོ་ཐུབ་ཆེ།། ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར།། དེའི་ཚིག་སྟེ་གསན་གྱུར་ནས།
200a8 འཇིག་རྟེན་རྩ་ལག་བཀའ་བསྐུལ་པ་པ།། གང་ཞིག་རྟག་ཏུ་བརྗོད་བྱེད་པ།། ངའི་བདེ་ལེགས་འགྱུར་དེ་ཉོན།། འཇིག་རྟེན་འདི་དང་མཐོ་རིས་ན།། རིན་ཆེན་བརྒྱ་ཆེན་མཆོག




iiif viewer powered by OpenSeadragon

199b - 200b

Texts on this page

F98 - 'phags pa 'da' ka ye shes zhes bya ba theg pa chen po'i mdo
F99 - bde legs kyi tshigs su bcad pa