e-texts navigator
Collection
Volume
Page
Wylie

199b1 མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུན་ཏ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། དགེའོ།། ཨོཾ་མ་ཎི་པདྨེ་ཧཱུཾ།
199b2 @##། རྒྱ་གར་སྐད་དུ། ཨཱརྱ་ཨ་དྷྭ་ཛྙཱ་ན་ན་མ་མ་ཧཱ་ཡ་སུ་ཏྲ། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས
199b3 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང་བཟངས་ན
199b4 བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ
199b5 ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་ཚེ། སེམས་ཇི་ལྟར་བལྟ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཙོ།།
199b6 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། ནམ་མཁའི་སྙིང་པོ།། བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་ཚེ་འདའ་ཀ་ཡེ་ཤེས་སྒོམ
199b7 པར་བྱའོ།། དེ་ལ་འོདའ་ཡེ་ཤེས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན། དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་སྒོམ་པར་བྱའོ།། ཆོས་ཐམས་ཅད་བྱང་ཆུབ
199b8 ཀྱི་སེམས་སུ་འདུས་པས་ན། སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ།། རང་བཞིན་གྱིས་འོད་གསལ་བས་ན། མི་དམིགས་པའི་འདུ་ཤེས་རབ་ཏུ་སྒོམ་པར་བྱའོ།། དངོས




iiif viewer powered by OpenSeadragon

199a - 200a

Texts on this page

F97 - 'phags pa yongs su mya ngan las 'das pa chen po'i mdo
F98 - 'phags pa 'da' ka ye shes zhes bya ba theg pa chen po'i mdo