| e-texts navigator |
| Wylie |
147a1 ཕྱུག་ནི་ཆོས་སྐྱོང་བ་སྟེ། ཆོས་སྐྱོང་བ་ནི་རྒྱལ་བའོ།། དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་བ་ཞེས་བྱའོ།། ཡོངས་སུ་མྱ་ངན་ལས་འདས།
147a2 པ་ཆེན་པོའི་མདོ་ཆེན་པོ་འདི་ནི་སེམས་ཅན་གཞན་དག་གི་དོན་གྱི་ཕྱིར། དབང་ཕྱུག་རྣམས་ཀྱིས་ཞུས་སོ།། དབང་ཕྱུག་རྣམས་ཀྱིས་ཡོངས་སུ་བཟུང་ངོ་།། དབང་ཕྱུག
147a3 རྣམས་ཀྱིས་བཤད་དོ།། དབང་ཕྱག་རྣམས་ཀྱིས་དམ་པའི་ཆོས་རབ་ཏུ་འབར་བར་བྱེད་དོ།། དབང་ཕྱག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ། ངས་ཅི་བསྟན་ཅེ་ན། ཡེངས
147a4 སུ་མྱ་ངན་འདས་པའི་མདོ་ཆེན་པོ་བསྟན་ཏོ།། དེ་བས་ན་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིན་ཏུ་རྒྱས་པ་ཡིན་ཏེ། འདི་ལ་པྲ་དོག་བྱེད་པ་རྣམས། ནི་ཞིང་ལ་ཞིང་གི་རྡོ
147a5 གསལ་བ་བཞིན་དུ་ཚར་བཅད་པར་བྱའོ།། དེ་ལ་སོགས་པའི་དོན་དུ་རྒྱས་པར་བྱེད་པ་ན། དེའི་ཕྱིར་ངས་ཨི་ཞེས་བྱ་བ་བསྟན་ཏོ།། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མས་ཏེ། མདོ
147a6 སྡེ་འདིས་མདོ་སྡེ་ཐམས་ཅད་ཀྱི་དོན་ཕྱི་མའི་ཡང་ཕྱིར་མ་བསྟན་ཏོ།། ངས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་མ་ཐོས་པའི་ཡི་གེ་གཅིག་པ་འམ། ཐིག་ལེ
147a7 གཅིག་བསྟན་ཏོ།། མདོ་སྡེ་ཆེན་པོ་འདི་ནི་མཆོག་པ་ཡིན་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་རྣམས། བསོད་ནམས་དང་ལྡན་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ
147a8 འདི་ཉར་པ་གང་ཡིན་པ་དེ་དག་ནི། འཇིག་རྟེན་ལས་འདས་པ་སྟེ། དེ་དག་རི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ།། དེ་བས་ན་ཆེ་བ་ཞེས་བྱའོ།། རྒྱུད