| e-texts navigator |
| Wylie |
308a1 པ་ཆགས་མེད་པ་དང་། སྤོབས་པརྒྱུན་མི་འཆད་པར་འགྱུར་རོ།། དེ་ནས་འཇས་དཔལ་གནོན་དུར་གྱུར་པས། བཅོམ་ལྡན
308a2 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱིས་འདི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
308a3 འཇམ་དཔལ་གང་བྱང་ཆུབ་ཀྱི་ཕྱིར་མི་གནས། གང་བྱང་ཆུབ་ཀྱི་སེམས་མ་སྐྱེད། གང་སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས། གང་འདོད་ཆགས་དང་ཞེ
308a4 སྡང་དང་། གཏི་མུག་རྣམས་ལས་རྒོལ་བར་མི་འདོད་ཅིང་། གང་འཁོར་བ་ལས་འདའ་བར་མི་འདོད། གང་སེམས་ཅན་རྣམས་སྨིན་པར་བྱེད་མི་འདོད། གང
308a5 དག་སངས་རྒྱས་ཀྱི་ཆོས་རྣམས་རྟོགས་པར་མི་འདོད་པ་དེ་འདི་ནི། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།
308a6 འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་འདི
308a7 འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། ཀུན་ཏུ་ཆུབ་པར་བགྱིད་པར་འགྱུར་བ་དང་། གཞན་ལ་རྒྱ་ཆེར་ཡང་དག་པར
308a8 རབ་ཏུ་བསྒྲོགས་པར་འགྱུར་བ་དེ་ལ་མཐོང་བའི་ཆོས་ཀྱི་ཡོན་ཏན་དུ་དང་ལྡན་པར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལྷ་དང