| e-texts navigator |
| Wylie |
307a1 པའི་ཡོན་ཏན་ལྔ་པོ་འདི་རྣམས་སྐྱེད་དོ།། བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། གཟུགས་ལ་གཟུགས་སྐྱེད
307a2 དམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཚོར་བས་ཚོར་བ་བསྐྱེད་དམ། འདུ་ཤེས་ཀྱིས་འདུ་ཤེས
307a3 བསྐྱེད་དམ། འདུ་བྱེད་ཀྱིས་འདུ་བྱེད་སྐྱེད་དམ། ཅི་རྣམ་པར་ཤེས་པ་རྣམ་པར་ཤེ་སྒྲ་སྐྱེད། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས
307a4 བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཆོས་གང་གིས་ཆོས་གང་ཡང་བསྐྱེད་དམ་གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན
307a5 འདས་ཀྱིས་བཀའ་སྩལ་པ། ཆོས་གང་གིས་ཆོས་གང་ཡང་འཆིང་བའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས
307a6 བཀའ་སྩལ་པ། འཇབ་དཔལ་བླུན་པ་ཉིད་ལ་བརྟེན་པའི་ཕྱིར། ཆོས་འདི་ཐམས་ཅད་ནི་མི་སྐྱེ། མི་འགག་པ། སྒྲིབ་པ་མེད་པ་སྟེ། དེ་དག་ནི་ཕན་ཚུན་མི་བསྐྱེད
307a7 དོ།། ཕན་ཚུན་མི་བརྗོད་དོ།། ངག་གི་ལས་ངེས་པར་མི་སྤྱོད་དོ།། འཇམ་དཔལ་རྣམ་གྲངས་འདིས་ན་ལེན་པ་བྱང་ཆུབ་སྟེ། འདི་ནི་ལེན་པའི་ཚུལ་ལ་འཇུག་པའི
307a8 གཟུངས་ཀྱི་སྒོའོ།། འཇམ་དཔལ་སྲིད་པ་ནི་བྱང་ཆུབ་ཏེ། འདི་ནི་གཟུངས་ཀྱི་སྒོའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྲིད་པ་བྱང་ཆུབ་ལགས། བཅོམ་ལྡན