| e-texts navigator |
| Wylie |
304a1 དག་སངས་རྒྱས་ཀྱི་ཆོས་རྣམས་ལ་དམིགས་ཏེ། བདག་སངས་རྒྱས་སུ་འགྱུར་རོ།། བདག་གིས་སེམས་ཅན་རྣམས་གྲོལ་བར་བྱའོ།། བདག
304a2 འཇིག་རྟེན་གི་གཙོ་བོར་འགྱུར་བར་བྱའོ་ཞེས། དེ་དག་ན་མཁའ་ལྟ་བུའི་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟགས་ནས། གཞན་ལ་མངོན་པར་ང་རྒྱལ་བྱེད་དེ། འཇམ་དཔལ་ངས་ནི
304a3 བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེའི་ཚེ། ཡང་སངས་རྒྱས་སམ། ཉན་ཐོས་སམ། རང་སངས་རྒྱས་སམ། སོ་སོའི་སྐྱེ་བོ་འམ། ཆོས་གང་ཡང་མ་དམིགས་ཏེ། འཇམ
304a4 དཔལ་འདི་ནི་རྣམ་པར་ཤེས་པའི་ཚུལ་གྱིས་འཇུག་པའི་གཟུངས་ཀྱི་སྒོའོ།། འཇམ་དཔལ་མིང་དང་གཟུངས་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ།། གསོལ་པ། བཅོམ
304a5 ལྡན་འདས་ཇི་ལྟར་ན་མིང་དང་། གཟུགས་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་མིང་དང་གཟུགས་ནི་དངོས་པོ་མེད་པ་སྟེ། སྒྲས་མིང་དུ་གཏགས་པ་ཏེ།
304a6 འཇམ་དཔལ་མིང་དང་གཟུགས་ལ་བྱེད་པ་པོ་མེད་དེ། འཇམ་དཔལ་སངས་རྒྱས་ཀྱི་བྱང་ཆུབ་ནི་བདག་མེད་པས་ན་ཅིང་ཙམ་དུ་བསྟན་པའོ།། དེ་ལ་མིང་ཡང་ཕྱོགས
304a7 བཅུར་ཡོངས་སུ་བཙལ་ཀྱང་མི་དམིགས་ཏེ། འཇམ་དཔལ་འདི་ནི་མིང་དང་གཟུགས་ཀྱི་ཚུལ་འཇུག་པའི་གཟུགས་ཀྱི་སྒོའོ།། འཇམ་དཔལ་སྐྱེ་མཆེད་དྲུག་ནི་བྱང་ཆུབ་ཏེ།
304a8 འདི་ནི་གཟུངས་ཀྱི་སྒོའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སྐྱེ་མཆེད་དྲུག་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་སྐྱེ་མཆེད་ཐམས་ཅད་ནི