| e-texts navigator |
| Wylie |
213a1 པའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ཆེན་པོ་ནི་བྱང
213a2 ཆུབ་སེམས་པའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངསུ་མི་སྐྱོ་བའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན
213a3 དགའ་ལ་དགའ་ཞིང་མོས་པའི་དགའ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི
213a4 འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསསོ།།
213a5 རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སྒྲོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ
213a6 པོ་ཆེན་པོ་བདད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་པའི་འཁོར
213a7 ལགས་སོ།། རྒྱལ་པོ་ཆེན་པོ་ཚིགས་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུན།
213a8 ཚོགས་པར་འགྱུར་བའི་མི་འཕྱ་བ་དང་། ཟིང་སླང་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བརྗེད་ངས་པར་མི་འགྱུར་བའི་ཐོས