| e-texts navigator |
| Wylie |
212a1 ། གིས་སོ་སོར་རྟོག་པ་དང་། སངས་རྒྱས་ཀྱི་སྤྱན་རྗེསུ་རྟོགས་པར་བྱེད་པ་སྟེ། བཞི་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པར་ལེགས་པར་མཐོ
212a2 བ་ཡིན་ནོ།། གཞན་ཡང་བཞི་སྟེ་མིག་མིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དགུ་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ
212a3 ཡོངས་སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ
212a4 པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་སྟེ། ངེས་པ་རིགས་ཀྱི་ཆོས་བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།།
212a5 དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་ནས། ངང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ། བར
212a6 སྣང་ལ་གཤེགས་སོ།། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། རིགས་ཀྱི་བུ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ངེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ
212a7 ལྟར་འགྲོ་བ་དེའི་ཚེ་ཁོ་བོ་ལ་ཡང་སྦྲོན་ཅིག་དང་། ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་ཝཱར་འགྲོའོ།། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ།། བདག་ནི་ཁྱོད།
212a8 བུད་མེད་དང་གཞོན་ནུ་དང་། བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ལ་གཟིགསུ་གཤེགས་པར་འཚལ་ལོ།། རྒྱལ་པོ་བྱང་ཆུབ་སེམས