| e-texts navigator |
| Wylie |
202b1 བོ་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པ་བྱེད་པར་མི་འདོད། བརྒྱ་བྱིན་གྱིས་སྨྲས་པ། ངེས་པ་ཁྱོད་ད་ལྟར་བདེ་བར་འཚོ་བར་གྱིས་ཤིག། འཇིག་རྟེན་པ
202b2 རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། ངེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཡིན་གྱི། མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཚེར་འཛིན
202b3 ཏོ།། འདོད་པས་ཟིལ་ཀྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་ཀྱི་ནོན་པ་དང་།། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ཀྱིས་ཟིལ་ཀྱིས་ནོན་པ་དག་ནི་མ་བྱིན
202b4 པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ།། སྒྱོགས་འཇོགས་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་སྔོགས
202b5 འཇོགས་མི་བྱེད་དོ།། བདག་གིར་འཛིན་པ་དང་། བཅས་ཤིང་ཡོང་སུ་འཛིན་པ་དང་། བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བདག་ཏུ
202b6 མི་འཛིན་ཅིང་ཡོངསུ་འཛིན་པར་མི་བྱེད་དོ།། ལུས་དང་སྲོག་ལ་ལྟ་བ་དག་ནི། མ་བྱིན་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ།། ངོམས
202b7 མི་ཤེས་ཤིང་ཚོགས་མི་ཤེས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས་པ་ཡིན་ནོ།། མཚོ་བ་ཡོངསུ་མ་དག
202b8 པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་མཚོ་བ་ཡོང་སུ་དག་པ་ཡིན་ནོ།། ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས