| e-texts navigator |
| Wylie |
200a1 ཟག་མེད་པའི་ཤེས་རབ་སྐྱེད་པར་འདོད་པ་དང་། ཟག་མེད་པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ
200a2 ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི། ཤེས་རབ་དགེ་བ་དང་། ཡེ་ཤེས་པ་ཐམས་ཅད་ཀྱི་མཆོག་ཡིན། དེ་ནི་དམ་པ་ཡིན་པའི་ཕྱིར་རོ།། ལག་བཟངས་དེ་ལྟར
200a3 ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད་བདེ་བ་དང་ཞིང་། ཚེགས་ཆུང་ངུ་དང་སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
200a4 ཡོངས་སུ་རྫོགས་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི
200a5 བྱང་ཆུབ་མངོན་པར་རྫོགས་པར་འཚང་ང་རྒྱའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པར་དག་ཐེག
200a6 པ་གསུམ་དང་། མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
200a7 པོ་ལག་བཟངས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད
200a8 རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང