e-texts navigator
Collection
Volume
Page
Wylie

199b1 བྱས་ནས་ཀྱང་། སེམས་ཅན་ཐམས་ཅད་བསྐལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད
199b2 མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། གལ་ཏེ་ཤེས་རབ་དང་ཡེ
199b3 ཤེས་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་དུའང་འཆལ་བའི་ཤེས་རབ་དང་།
199b4 མི་ཤེས་པ་སྤངས་པ་དང་། དོར་བ་དང་། བསྐྱལ་བར་རྩོལ་ལོ་འབད་དོ། དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་ཆུད་ཡང་ཤེས་རབ་དང་། ཡེ་ཤེས་ལ་སློབ་པ
199b5 དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ།། འབད་དོ།། སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་།
199b6 སྒྱིང་ལུགས་པར་མི་འགྱུར་རོ།། ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་།
199b7 བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད། དེ་དག་གི་ཤེས་རབ་ཏུ་དགེ་བ་དང་།
199b8 ཡེ་ཤེས་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རྨད་དུ་སེམས་ཅན་ཐམས་ཅདལ




iiif viewer powered by OpenSeadragon

199a - 200a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo