| e-texts navigator |
| Wylie |
199a1 དང་ལུས་དང་ཕ་འདྲར་གྱུར་པར་ཤོག། བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང་བ་དང་། འགྲོ་ལ་ཆོས་ནི་རབ་ཏུ་སྟོན་གྱུར་ཅིག།
199a2 བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང་། དཀོན་མཆོག་གསུམ་ཕྱིར་གོ་ཅ་སྲ་བ་བགོ།། ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་བྱེད་ཅིང་། སངས་རྒྱས་ཆོས་རྣམས་ཡོངས
199a3 སུ་རྫོགས་བྱེད་ཤོག། སྡིག་པ་ཀུན་དང་བྲལ་ཞིང་ལུས་དག་དང་། ཡིད་ཀྱི་ལས་མཐའ་དགེ་བ་མཆོག་གྱུར་ཅིག། བྱང་ཆུབ་ལས་ནི་མི་ལྡོག་བདག་འགྱུར་ཅིང་།
199a4 བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔར་འགྱུར། སྲིད་དང་སྲིད་པར་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་དགེ་བ་ཀུན་ལ་སློབ། བདག་གིས་ཚེ
199a5 རྣམས་དེ་དག་ཀུན་ལ་ཡང་།། འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པར་བགྱི། དེ་དེ་ལྟར་བདག་དང་གཞན་དག་གི་དགེ་བའི་རྩ་བ་བསྲེགས་པ་རབ་ཏུ་ཤེས་སོ།།
199a6 དེ་ཤེས་རབ་དེ་དང་ཡེ་ཤེས་དེ་མངོན་གསུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ན་ཡང་། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན
199a7 ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་ཀྱི་ཆོས་ཐམས་ཅད
199a8 ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ་དང་།། མངོན་སུམ་དུ་བྱེད་པ་དང་། ཡི་ལྔ་བྱེད་པ་དང་། མངོན་གསུམ་དུ་བྱས་པ་དང་། ཡིད་ལ