e-texts navigator
Collection
Volume
Page
Wylie

198b1 དང་ནི་བྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཅང་རྫོགས་འགྱུར་ཅིག། ཐེག་པ་གསུམ་པོ་དག་ལ་རིག་པར། དེ་དག་ལ་ནི་སྨོན་ལམ་མཐར་ཕྱིན་ཅིང་། ཚེ་རིང
198b2 བ་དང་རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་དོན་ཀུན་རྫོགས་པར་ཤོག། རྫོགས་པའི་བྱང་ཆུབ་སྨོན་ལམ་འདེབས་པ་ནི།། མཐའ་ཡས་དཔག་ཏུ་མེད་པར
198b3 རབ་ཏུ་འདེབས། སེམས་ཅན་ཐམས་ཅད་བདག་གི་སྡུག་བསྔལ་དང་། ཉོན་མོངས་དག་ནི་ཉེ་བར་ཞིར་གྱུར་ཅིག། ཆོས་དང་ལྡན་པའི་བྱ་བ་རྣམས་ཀྱི་ཕྱིར།
198b4 འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ཀྱི། རྒྱལ་བ་ཀུན་དང་བྱང་ཆུབ་སེམས་དཔའ་ལ། རང་གི་ལུས་ནི་ངེས་པར་དབུལ་བར་བགྱི། རྫོགས་བྱང
198b5 ནུབ་ཐོབ་པར་འགྱུར་བར་དུ། མ་འོངས་པ་ན་སྨོན་ལམ་མཐའ་ཡས་གདབ། སྐྱེ་དང་སྐྱེ་བར་དཀོན་མཆོག་གསུམ་པོ་ལ། བདག་ནི་ཡོངསུ་སྤྱད་པར་བགྱིད
198b6 བར་ཤོག། འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ཀྱི། དཀོན་མཆོག་གསུཾ་དང་བྱང་ཆུབ་སེམས་དཔའ་ལ། ན་མཁའ་མཉམ་པའི་ལྷའི་སྤོས
198b7 མཆོག་དང་། འཕྲེང་བ་མེ་ཏོག་ཆུ་བོས་མཆོད་བྱེས་ཤོག། ལྷུན་པོ་མཉམ་པའི་གསེར་དང་དེ་ངུལ་དག་དང་། གོས་དང་རིན་པོ་ཆེའི་ཕུང་པོ་དང་། གཞལ
198b8 མེད་ཁང་བཅས་བཞོན་དང་མལ་ཆེ་དང་། བཟའ་བཏུང་མཐའ་ཡས་དག་ནི་སྦྱིན་པར་ཤོག། འགྲོ་བའི་བསམ་པ་ལམ་གྱིས་རྫོགས་བྱེད་ཅིང་། སྐྱབས




iiif viewer powered by OpenSeadragon

198a - 199a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo