e-texts navigator
Collection
Volume
Page
Wylie

198a1 ཀྱི་འཁོར་ལོ་རབ་བསྐོར་བ། འཇིག་རྟེན་འདིར་ནི་བྱུང་དང་བྱུང་གྱུར་དང་། འབྱུང་འགྱུར་རྣམས་ཀྱི་དགེ་བ་ཐམས་ཅད་དང་། རྒྱལ་བ་རྣམས་དང
198a2 འཕགས་པ་ཐམས་ཅད་ཀྱི། ཚུལ་ཁྲིམས་དང་ནི་ཡེ་ཤེས་ཏིང་འཛིན་དང་། རྣམ་གྲོལ་ཚེ་དང་ཆོས་རྣམས་གང་ཡིན་པ། དེ་དག་འཇིག་རྟེན་རྣམས་ལ་ཕན་གྱུར
198a3 ཅིག། འགྲོ་བ་ལྔའི་སེམས་ཅན་ནི་དག། བྱུང་དང་བྱུང་འགྱུར་འབྱུང་བར་འགྱུར་རྣམས་ཀྱི། དགེ་བ་དག་ལ་བདག་ནི་ཕྱི་ཕྱིར་ཞིང་། མགོ་བོས་མཐའ་ཡས
198a4 རྗེས་སུ་ཡིད་རང་ངོ་།། ཡོན་ཏན་ཡང་དག་དགེ་བ་མཐའ་ཡས་པ། དེ་དག་ཐམས་ཅད་འགྲོ་བ་མ་ལུས་པས།། སེམས་ཅན་རེ་རེ་དང་ནི་བདག་ཉིད
198a5 ལ་འང་། ཡོད་པར་དག་ནི་སྨོན་ལམ་མཐའ་ཡས་འདེབས། བདག་གི་དགེ་བའི་རྩ་བ་དག་ནི་འདས་པ་དང་། མ་འོངས་པ་དང་དེ་ལྟར་ཐམས་ཅད་ཀྱིས།
198a6 འཇིག་རྟེན་དག་གི་ཁམས་ནི་ཐམས་ཅད་དུ།། དཀོན་མཆོག་གསུམ་པོ་རྟག་ཏུ་འབྱུང་བར་ཤོག། དཀོན་མཆོག་གསུམ་དང་བྱང
198a7 ཆུབ་སེམས་དཔའ་རྣམས།། བསྐལ་པའི་བཞུགས་པས་འཕོངས་པར་མ་གྱུར་ཅིག། བར་དུ་གཅོད་པ་མེད་པར་བྱང་ཆུབ་དང་།། ཕ་རོལ་ཕྱིན་པ
198a8 རྣམས་ནི་རྫོགས་པར་ཤོག། སེམས་ཅན་དག་ནི་ཐམས་ཅད་བདེ་བ་དང་།། འཇིགས་པ་མེད་ཅིང་ངན་འགྲོ་འདས་པ་དང་། མི་དགེ་བ་ཐམས་ཅད




iiif viewer powered by OpenSeadragon

197b - 198b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo