e-texts navigator
Collection
Volume
Page
Wylie

197b1 ཁ་ཉིན་ཅིག་བཞིན་དུ་དུས་དུས་སུ་འཇུག་གོ།། ཡིད་ལ་བྱེད་དེ།། དེ་འདི་ལྟ་སྟེ་འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ན། ཡང་དག་བཞུགས་པ་རྫོགས་པའི་སངས
197b2 རྒྱས་དང་། ཆོས་དང་དགེ་འདུན་བྱང་ཆུབ་སེམས་དཔའ་ལ། གན་འགྲོ་མགོ་བོས་མཐའ་ཡས་ཕྱག་འཚལ། འགྲོ་བའི་ནང་ན་ཡོན་ཏན་མཉིམ་མེད་ཅིང་། མི་མཉམ།
197b3 མཉམ་པའི་ཡོན་ཏན་འབྱུང་གནས་སོ།། ཡོན་ཏན་དཔག་མེད་དེ་དག་ཐམས་ཅད་ལ་ཀ། བདག་ནི་མགོ་བོས་མཐའ་ཡས་སྐྱབས་སུ་མཆི།། སངས་རྒྱས་དང་ནི་ཆོས
197b4 དང་ཚོགས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་ཁམས།། གང་ཡང་རྒྱལ་ལམ་སྟོངས་པར་མི་འགྱུར་བར། དེ་ལྟར་གསོལ་བ་མཐའ་ཡས
197b5 རབ་ཏུ་འདེབས། ཞི་བའི་ཆོས་ནི་རབ་ཏུ་སྟོན་མཛད་ཅིང་། བསྐལ་པ་མ་ལུས་རྣམས་སུ་བཞུགས་པར་ཡང་།། འཇིག་རྟེན་ཁམས་རྣམས་ཀུན་གྱི་བདེ་གཤེགས་ལ།། །
197b6 མགོ་བོས་གསོལ་བ་མཐའ་ཡས་རབ་ཏུ་འདེབས། སྔོན་དང་འདི་དང་སྐད་ཙམ་ཡང་རུང་། བདག་གིས་སྡིག་པ་གང་དང་གང་བགྱིས་པ། སྡིག་པ་དེ་དག་ཐན
197b7 ཅང་སྨད་པར་བགྱི། སྡིག་པ་ཐམས་ཅད་བདག་གིས་སྤངས་པར་བགྱི། སྐད་ཅིག་ཙམ་ཡང་བདག་གིས་དགེ་བ་འདི། མ་ལུས་པར་ནི་ཡང་དག་བཟུང་བར་བགྱི།
197b8 ཚེ་འདིས་ཅི་ཙམ་ཐུབ་ཀྱི་བར་དུ་ནི།། དགེ་བ་ཀུན་ལ་གནས་པར་འགྱུར་བར་འཚལ། སངས་རྒྱས་དག་དང་བྱང་ཆུབ་སེམས་དཔའ་རྣམས། བྱང་ཆུབ་རྩ




iiif viewer powered by OpenSeadragon

197a - 198a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo