| e-texts navigator |
| Wylie |
197a1 ལས་འདས་པ་ཞི་བར་བྱ་བའི་ཕྱིར་ཡོངསུ་སྔོ་བར་བྱེད་དོ།། ཉན་ཐོས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་ཉན
197a2 ཆོས་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། རང་སངས་རྒྱས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་རང་སངས
197a3 རྒྱས་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྐྱེ་བར་བྱེད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི
197a4 བྱང་ཆུབ་སེམས་དཔའི་ཐེག་པ་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་ཡོངསུ་སྔོ་བར་བྱེད་དོ།། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས
197a5 པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་བསྐལ་བར་བཞུགས་པ་དང་། བསྐལ་བར་ཆོས་སྟོན་པ་དང་། བསྐལ་བར་དགེ་འདུན་འཐུན་པར
197a6 འགྱུར་བ་ཡོངས་སུ་སྔོ་བར་བྱེད་དོ།། མཐོ་རིས་ཀྱི་ལམ་ལ་དགོད་པའམ། རང་སངས་རྒྱས་ཀྱི་ལམ་ལ་དགོད་པ་འམ། རྫོགས་པའི་བྱང་ཆུབ་ཀྱི་ལམ་དགོད་པ
197a7 འམ། སྦྱིན་པས་རྗེས་སུ་འཇུག་པ་འམ། སྙན་པར་སྐབས་རྗེས་སུ་འཇུག་པ་འམ། དོན་སྤྱོད་པས་རྗེས་སུ་འཇུག་པའམ། དོན་འཐུན་པས་རྗེས་སུ་འཇུག
197a8 པ་འམ། ཅི་ལྟ་ཅི་ལྟར་གཞན་དག་དགེ་བའི་ཕྱོགས་ཡང་དག་པར་སྐྱིད་ཅིང་དགེ་བའི་རྫོགས་པར་འགྱུར་བ་དེ་ཡང་རབ་ཏུ་ཤེསོ།། དེ་ཆོས་ཀྱི་ཚིག་འདི་དགེ