e-texts navigator
Collection
Volume
Page
Wylie

196b1 འདེབས་པ་དང་། ལས་ཐམས་ཅད་བྱེད་པ་ན་ཡང་མཐའ་ཡས་ཤིང་དཔག་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལས་གདབས་པར་བྱའོ།། ཞེས་སེམས་བསྐྱེད་དོ།། མང་དུ།
196b2 བྱེད་དོ།། སྙོམས་པར་འཇུག་པ་དང་། བསམ་གཏན་བྱེད་པ་ན་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམ
196b3 དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མཐའ་ཡས་ཤིང
196b4 དཔག་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལམ་གདབ་པོ་ཞེས་སེམས་བསྐྱེད་དོ།། མང་དུ་བྱེད་དོ།། ཐམས་ཅད་མཁྱེན་པ་ཉིད་དང་།། འཇིག་རྟེན་ཐམས་ཅད་ཀྱི་མཆོག
196b5 དང་། སེམས་ཅན་ཐམས་ཅད་གདུལ་བ་དང་། མཚུངས་པ་མེད་པ་དང་། མི་མཉམ་པ་དང་། འཇིག་རྟེན་ཐམས་ཅད་དབུགས་དབྱུང་བ་དང་། འཇིག་རྟེན་ཐས
196b6 ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི
196b7 ཕྱིར་སྨོན་ལམ་གངདབ་བོ་ཞེས་སེམས་བསྐྱེད་དོ།། མང་དུ་བྱེད་དོ།། དེ་དགེ་བའི་ཅི་སྤྱོད་ཀྱང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མེད་པར་བྱ་བ་དང་།
196b8 ངན་འགྲོའི་རྒྱུད་གཅད་པ་དང་། ཉེ་བར་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། མྱ་ངན




iiif viewer powered by OpenSeadragon

196a - 197a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo