| e-texts navigator |
| Wylie |
194b1 བདག་ཏུ་ལྟ་བར་འོས་པ་མ་ཡིན་ནོ།། དི་སྲིད་པ་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་ལ་བདག་མེའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་།
194b2 སྤང་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་ཅན་དུ་གནས་ཏེ། འགོག་པ་མངོན་གསུམ་དུ་བྱེད་པ་ཡང་མ་ཡིན་ནོ།། གང་དེ་ལྟར་དུས་སུ་མ་རྔབ་ཏུ་ཤེས
194b3 པ་དེ་ནི་ཆོས་དེ་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། ཐེག་པ་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། ལྷའི་ཐེག་པ་དང་། ཚངས
194b4 པའི་ཐེག་པ་དང་། འཕགས་པའི་ཐེག་པ་ཏེ། དེ་དག་ནི་ཐེག་པ་གསུམ་ཞེས་བྱའོ།། བསམ་གཏན་དང་པོ་ནི་ལྷའི་ཐེག་པ་སྟེ། བསམ་གཏན་གཉིས་པ་དང་།
194b5 གསུམ་པ་དང་བཞི་པ་ཡང་ད་ལྷའི་ཐེག་པའོ།། བྱམས་པ་ནི་ཚངས་པའི་ཐེག་པ་སྟེ། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཀྱང་ཚངས་པའི་ཐེག་པའོ།།
194b6 ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང
194b7 དག་པའི་རྩོལ་བ་དང་།། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་དེ་ནི
194b8 འཕགས་པའི་ཐེག་པ་ཞེས་བྱའོ།། དེ་དུས་དུས་སུ་ལྷའི་ཐེག་པ་སྒོམ་སྟེ། སེམས་ཅན་རྣམས་ཀྱང་དེ་ལ་འགོད། དུས་དུས་སུ་ཚངས་པའི་ཐེག་པ་སྒོམ་སྟེ།