| e-texts navigator |
| Wylie |
193b1 རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། མ་འོངས་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་ཏུ་སེམས
193b2 བསྐྱེད་པ་དང་། བྱང་ཆུབ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལཱམ་འདེབས་པ་ཡང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་ཅན
193b3 ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་པར་བྱ་བ་དང་། སངས་རྒྱས་ཀྱི
193b4 ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདོད་དོ།། མོས་སོ། ཡིད་ཀྱིས་སྨོན་ཏོ།། ད་ལྟར་བྱུང་བའི་བདག་གི་དགེ་བའི་སེམས་ཀྱི་རྒྱུན་དང་། དགེ
193b5 བའི་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན
193b6 པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་རྫོགས་པར་བྱ་བའི་ཕྱིར་རྟོག་པར་རྒྱུན་དུ་མི་འདོར་རོ།། ཉམས་པར་མི་བྱེད་དོ།། བརྗེད་པར
193b7 མི་བྱེད་དོ།། བག་མེད་པར་མི་བྱེད་དོ།། གང་འདས་པའི་ཕུང་པོ་དང་། ཁམས་སྐྱེ་མཆེད་དེ་ནི་འདས་པ་དང་། འགགས་པ་མེད་པ་དང་། ཡོད་པ་མ་ཡིན་པ
193b8 སྟེ། དེ་ནི་འདི་ལྟར་བདག་མེད་པ། བདག་གི་མེད་པའོ།། གང་མ་འོངས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དེ་ནི་མ་སྐྱེས་པ། མ་བྱུང་བ་ཡོད