e-texts navigator
Collection
Volume
Page
Wylie

193a1 གཅིག་ཏུ་རྣམ་པར་སྨིན་པར་མཐོང་། ཡིད་དུ་མི་འོང་བར་རྣམ་པར་སྨིན་པར་མཐོང་། འཇིགས་པར་མཐོང་། ཞིང་གནས་སོ།། ད་ལྟར་བྱུང་བའི་དུས
193a2 ཀྱི་བདག་གི་མི་དགེ་བའི་རྩ་བ་སྐྱེ་བའི་སྐབས་མི་འབྱེད་དེ། ལུས་སྡོམས་པས་བསྡམས། དག་སྡོམས་པས་བསྡམས། ཡིད་སྡོམས་པས་བསྡམས། དབང་པོ་དྲུག་པོ་སྔོ
193a3 པས་བསྡམས་སོ།། དེ་འདས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྨོན་པ་དང་། བྱང་ཆུབ
193a4 ཀྱི་སེམས་ལ་སྨོན་ལམ་འདེབས་པ་རྗེས་སུ་དྲན་ཞིང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དོད་པ་དྲག་པོ་དང་། སེམས་ཅན་ཐམས་ཅད་བསྒྲལ་བ་དང་།
193a5 སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས
193a6 ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། མ་འོངས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་སེམས་དཔའ་བསྐྱེད་པ།
193a7 བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་སྨོན་ལམ་འདེབས་པ་ཡང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་སེན་ཐམས་ཅད་བསྒྲལ
193a8 བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས




iiif viewer powered by OpenSeadragon

192b - 193b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo