e-texts navigator
Collection
Volume
Page
Wylie

192b1 བས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགག་པས་ཚོར་བ
192b2 འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགགས། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགག་པས་སྐྱེ་བ་འགག། སྐྱེ་བ་འགས་པས
192b3 རྒ་ཤི་འགགས་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ་ཆུད་པར་བྱེད་ཅིང་། རྣམ་པར་འཇིག་སྟེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུངའི་འགོག་པ་ཡང་ང་དག
192b4 པར་རྗེས་སུ་མཐོང་ཡང་། རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་མངོན་སུམ་དུ་ཡང་མི་བྱེད་དེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་རབ་ཏུ་ཤེས་སོ།།
192b5 དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། དུས་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། འདས་པའི་དུས་དང་། མ་འོངས
192b6 པའི་དུས་དང་། ད་ལྟར་བྱུང་བའི་དུས་ཏེ། དེ་དག་ནི་དུས་གསུམ་རྣམས་ཤེས་བྱའོ། འདུ་བྱེད་གང་ལ་འགག་པ་དེ་ནི་འདས་པའི་དུས་ཤེས་བྱའོ།། འདུ་བྱེད
192b7 གང་ལ་ལ་མ་འོངས་པའི་དུས་ཤེས་བྱའོ།། འདུ་བྱེད་གང་ལ་ལ་ད་ལྟར་བྱུང་བ་ད་ལྟར་དུ་གྱུར་པ་དེ་ནི་ད་ལྟར་བྱུང་བའི་དུ་ཤེས་བྱའོ།། དེ་འདས་པའི་དུས
192b8 ཀྱི་བདག་གི་མི་དགེ་བའི་རྩེ་བ་རྣམས་རྗེས་སུ་དྲན་ན། སྨོད་ཅིང་བསྲུང་སྟེ་ངེས་པར་སྤོང་ངོ་།། མ་འོངས་པའི་ཀྱི་བདག་མི་དགེ་བ་རྩ་བ་རྡུལ་ཙམ་ལ་ཡང་།




iiif viewer powered by OpenSeadragon

192a - 193a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo