| e-texts navigator |
| Wylie |
192a1 བར་འགྲུབ་པ་དེ་ནི་སྐྱེ་བ་ཞེས་བྱའོ།། གང་སྲིད་པ་དེ་འགྱུར་བ་དང་། འཇིག་པ་དང་། ཉེ་བར་ཁྲིད་པ་དེ་ནི་རྒ་བ་ཞེས་བྱའོ།། གང་སྲིད་པ་དེ
192a2 འཆི་འཕོ་བ་དང་འབྲལ་བ་དེ་ནི་འཆི་བ་ཞེས་བྱའོ།། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱོད་ཅིང་ཡོངས་སུ་རྟོག་ལ་ཁོང་དུ་ཆུད་པར་བྱེད་ཅིང་། རྣམ་པར
192a3 འཇིགས་པ་ནས་རློམ་སེམས་སུ་མི་བྱེད་དོ།། ས་ལས་མངོན་པར་དགའ་མི་བྱེད་དོ།། ཆུ་དང་མེ་དང་རླུང་དང་ན་མཁའ་དང་། རྣམ་པར་ཤེས་པ་ལ་གཅིག་པ་དང་།
192a4 ཐ་དད་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། མྱ་ངན་ལས་འདས་པ་རློམ་སེམས་སུ་མི་བྱེད། མྱ་ངན་ལས
192a5 འདས་པ་རློམས་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་བདག་གིའོ་སྙམ་དུ་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་མི
192a6 བྱེད་དོ།། དེ་རྟེན་ཅིང་འབྲེལ་བླར་འབྱུང་བའི་ཆོས་རྣམས་ཡང་དག་པར་རྗེ་སུ་མཐོང་བ་ན། རྣམ་པར་ཐར་པའི་སྒོ་གསུམ་པོ་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་།
192a7 མཚན་མ་མེད་པ་དང་། སྨོན་པ་མེད་པ་ཁོང་དུ་ཆུད་པར་བྱེད་ཅིང་རྣམ་པ་འཇོག་གོ།། དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཡང་དག་པར་རྗེས་སུ
192a8 མཐོང་བ་ན། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགགས། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས