e-texts navigator
Collection
Volume
Page
Wylie

191b1 ཞེས་བྱའོ།། དེ་ལས་བྱུང་བ་གང་ཅི་ཡང་རུང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དེ་ནི་མིང་ཞེས་བྱའོ།། གང་ཅི་ཡང་རུང་ལྷན
191b2 ཅིག་བྱུང་བ་མེར་མེར་པོའི་གཟུགས་དང་། རྫུས་ཏེ་བྱུང་བའི་གཟུགས་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་ཤེས་བྱའོ་སྟེ། དེ་གཉིས་ནི་མིང་དང་གཟུགས་ཤེས
191b3 བྱའོ།། དེ་ལས་བྱུང་བ་མིག་དང་། རྣ་བ་དང་སྟ་དང་། ལྕེ་དང་། ལུས་དང་ཡིད་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ།། མིག་ལ་རྟེན་ཅིང་གཟུགས་ལ་ཡང་བརྟེན་ཏེ།
191b4 མིག་གི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདས་པ་ནི་རེག་པའོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་ཆོས་རྣམས་ལ་བརྟེན་ཏེ། ཡིད
191b5 ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པ་སྟེ། དེ་ནི་རིག་པ་ཞེས་བྱའོ།། དེ་ལས་བྱུང་བ་བདེ་བ་འམ། སྡུག་བསྔལ་བ་འམ། སྡུག་བསྔལ་བ་ཡང
191b6 མ་ཡིན་བདེན་པ་ཡང་མ་ཡིན་པ་དེ་དག་ནི་ཚོར་བ་གསུམ་ཞེས་བྱའོ།། དེ་ནས་བྱུང་བ་འདོད་ཆགས་དང་། ཆགས་པ་དང་། དགའ་བ་དེ་ནི་སྲེད་པ་ཞེས་བྱའོ།།
191b7 དེ་ལས་བྱུང་བ་ཀུན་ཏུ་ཆགས་པ་དང་།། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་བདག་ཏུ་སྨྲ་བའི་དེ་ནི་ལེན་པ་ཞེས་བྱའོ།། དེ་ལས་བྱུང་བ་གཟུག
191b8 དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ནི་སྲིད་པ་ཞེས་བྱའོ།། གང་སྲིད་པ་དེ་འབྱུང་བ་དང་། སྐྱེ་བ་དང་མངོན




iiif viewer powered by OpenSeadragon

191a - 192a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo