e-texts navigator
Collection
Volume
Page
Wylie

191a1 ཀྱི་ཁམས་མངོན་གསུམ་དུ་ཡང་མི་བྱེད་དོ།། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག
191a2 ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། རྟེན་ཅིང་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་རྣམ
191a3 དང་། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲག་དང
191a4 སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་རེག་པ་དང་། རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཚོར་བའི་རྐྱེན་ཀྱིས་སྲེད་པ་དང་། སྲེད་པའི་རྐྱེན་ཀྱིས་ལེན་པ་དང་། ལེན་པའི་རྐྱེན
191a5 ཀྱིས་སྲིད་པ་དང་། སྲིད་པའི་རྐྱེན་ཀྱི་སྐྱེ་བ་དང་། སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པ་དང་། མི་མཐོང་བ་གང་ཡིན་པ
191a6 དེ་ནི་མ་རིག་པ་ཞེས་བྱའོ།། གང་ཆུང་ཟད་ལུས་དང་། ངག་དང་། ཡིད་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ
191a7 འམ། མི་གཡོ་བར་ཉེ་བར་འགྲོ་བ་འམ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བའམ། གཟུགས་ཀྱི་ཁམས་སུ་ཉེ་བར་འགྲོ་བ་འམ། གཟུགས་མེད་པའི་ཁམས
191a8 སུ་ཉེ་བར་འགྲོ་བ་དེ་དག་ནི་འདུ་བྱེད་རྣམས་ཤེས་བྱའོ།། དེ་ལས་བྱུང་བ་གང་ཅི་ཡང་རུང་། སེམས་ཤེས་བྱ་བ་དང་། ཡིད་ཅེས་བྱ་བ་དེ་ནི་རྣམ་པར་ཤེས་པ




iiif viewer powered by OpenSeadragon

190b - 191b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo