| e-texts navigator |
| Wylie |
189a1 ཡང་མ་མཆིས་པ་དེ་བཞིན་དུ་བཅོམ་ལྡན་འདས་གང་ཞིག་ཉན་ཐོས་ཉི་རྩེ་བར་སྤྱོད་པ་ཉི་ཚེ་བའི་ཤེས་པ་དང་ལྡན་པ། ཟླ་བོ་མ་མཆིས
189a2 པ་ཡུན་རིང་པོར་མི་གནས་པ་ལ་དམ་པའི་ཆོས་ཀྱི་གཏེར་འདེམས་པར་བགྱིད་ན། དེ་ཡང་ཡུན་རིང་དུ་གནས་པར་མི་འགྱུར་བར་འཚལ་བར་བགྱི་ལགས་སོ།།
189a3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོད་སྲུང་ལེགས་སོ་ལེགས་སོ།། ངས་ཀྱང་དེ་ལྟར་ཤེས་ཏེ། འོན་ཀྱང་ཁྱོད་ལས་དཔེ་སྤོབས་པ་དེ་ལྟ་བུ་ཐོས་ན་སྐྱེས་བྱ
189a4 པ་མ་ཡིན་པ་དེ་དག་ཀུན་ཏུ་སྐྱོ་བའི་སེམས་སྐྱེ་བར་འགྱུར་བས་ན། ངས་ཤེས་བཞིན་དུ་ཁྱོད་ལ་དྲིས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འད
189a5 སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལ་བདག་དཔེ་གཉིས་པ་བརྗོད་པར་ཡང་སྤོབས་ལགས་ཏེ།། བཅོམ་ལྡན་འདས་འདི
189a6 ལྟ་སྟེ་དཔེར་བགྱི་ན། མི་བྲོད་ནང་མ་མཆིས་པའི་རང་བཞིན་ཅན་བྲོ་ནད་དང་བྲལ་བ་དགུང་ལོ་འབུམ་ཕྲག་དུ་མར་འཚོ་བ། གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ
189a7 པ། གཡོག་འཁོར་ཕུན་སུམ་ཚོགས་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། རུས་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པཾ། དགེ་བའི་ངང་ཚུལ
189a8 ཅན་བྱམས་པ་དང་ལྡན་པ། སྙིང་རྗེ་ཆེ་བ། ཡིད་དགའ་བ་དང་ལྡན་པ། སེམས་ཅན་གྱི་སྐྱོན་དང་ཉོན་མོངས་པའི་སྐྱོན་རྣམས་ལ་བཏང་སྙོམས་སུ་འདོག་ག