e-texts navigator
Collection
Volume
Page
Wylie

188b1 བར་བྱེད་པ་བདག་གོ་སྙམ་པ་དང་། གཟུགས་ཅན་ཆུང་ངུ་བདག་གོ་སྙམ་པ་དང་། གཟུགས་ཅན་མང་ཡིན་པ་ཆུང་ངུ་དག་གོ།། སྙམ་པ་དང་གཟུགས་ཅན
188b2 མཐའ་ཡས་པ་དག་གོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པ་མཐའ་ཡས་པ་བདག་གོ།། སྙམ་པ་དང་། བདག་མི་རྟག་གོ་སྙམ་པ་དང་། བདག་མི་རྟག་གོ།། སྙམ
188b3 བ་དང་། རྟག་ཀྱང་རྟག་པ་མི་རྟག་ཀྱང་མི་རྟག་གོ།། སྙམ་པ་དང་། རྟག་པ་ཡང་མྱི་མཆིས་ཉལ་བར་འགྱུར་བ་ན། མི་ཤེས་རབ་པ་ཆལ་བའི་རང་བཞིན
188b4 ཅན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ལ་ལ་ཞིག་དེར་མཆིས་ནས། མི་མཆིས་མལ་གྱི་ཁྲི་སྟེང་ན། མཆིས་ཉལ་བ་དེ་ལ། ཀྱེ་སྐྱེས་དུ་ཁོ་བོའི
188b5 གཏེར་འདི་ཁྱོད་ལ་གདམས་ཀྱིས་ཁོ་བོ་གང་གི་ཚེ་ལོ་བཅུ་འམ། ལོ་ཉི་ཤ་ཙམ་མ་ན་ཡུལ་གཞན་དུ་ཕྱིར་འོང་བ་དེའི་ཚེ་ཁྱོད་ཀྱིས་གཏེར་འདི་ཁོ་བོ་ལ་ཕྱིར
188b6 བྱིན་ཅིག་ཅེས་དེའི་སུག་པར་གཏེར་འདེམས་པར་བགྱིད་ཅིང་། དེ་ལྟར་བཏམས་ནས་ཡུལ་གཞན་དུ་མཆིས་པར་གྱུར་ལ། མི་མཆིས་མལ་གྱི་ཁྲི་སྟེང་ན་མཆིས
188b7 ཉལ་བ་དེ་ལ་ཡང་བུ་ཡང་མ་མཆིས་བུ་མོ་ཡང་མ་མཆིས། འཁོར་ཀྱང་མ་མཆིས་ལ། དེ་ནས་མི་དེ་ཡུལ་གཞན་དུ་མཆིས་ནས། རིང་པོ་མ་ལགས་པར་དེ་ཡང།
188b8 འགུམ་པའི་དུས་བགྱིས་པར་གྱུར་ན། ནོར་གྱི་ཚོགས་དེ་དག་ཐམས་ཅད་ཚབ་འཚལ་བར་གྱུར་པའི་སླད་ན། མི་དེ་སླར་མཆིས་ནས། སུལ་ཅི་སྐད་བགྱིར




iiif viewer powered by OpenSeadragon

188a - 189a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo