| e-texts navigator |
| Wylie |
188a1 པོ་དག་དང་། ནང་གི་སྐྱེ་མཆེད་དྲུག་པོ་དག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་གང་ཡིན་པ་དེ་ནི། སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་དེ་ནི་མི།
188a2 རྟག་པ་དང་། སྡུག་བསྔལ་བ་དང་། ནང་དང་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་བདག་མེད་པ་དང་། རབ་ཏུ་འཇིག་པའི་ཆོས་ཉིད་དུ་བལྟའོ།། འདོད་ཆགས་དང
188a3 ཞེ་སྡང་དང་། གཏིག་མུག་དང་། ང་རྒྱལ་དང་། ངའོ་སྙམ་དུ་མངོན་པར་ཞེན་པ་དང་། བདག་གི་བདག་ནི་འདི་ཡིན་ནོ།། སྙམ་དུ་བདག་ཏུ་མངོན་པར་ཞེན་པ་དང
188a4 འབྱུང་བར་འགྱུར་རོ།། སྙམ་པ་དང་། འབྱུང་བར་མི་འགྱུར་རོ་སྙམ་པ་དང་། གཟུགས་ཅན་དུ་འགྱུར་རོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པར་འགྱུར་རོ།།
188a5 སྨྲས་པ་དང་། འདུ་ཤེས་ཅན་དུ་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་དུ་མ་ཡིན་པར་འགྱུར་རོ།། སྐམ་པ་དང་། འདུ་ཤེས་ཅན་མ་ཡིན་པ་ལ་འདུ་ཤེས་ཅན་མ
188a6 ཡིན་པའང་མ་ཡིན་པར་འགྱུར་རོ་སྙམ་པ་དང་། ཕུང་པོ་རྣམས་བདག་གོ།། སྙམ་པ་དང་། ཕུང་པོ་རྣམས་ལས་བདག་གཞན་ནོ་སྙམ་པ་དང་། ཕུང་པོ་རྣམས་ལ
188a7 བདག་སྙམ་པ་དང་། བདག་ལ་ཕུང་པོ་རྣམས་སྙམ་པ་དང་། ཁམས་རྣམས་དང་སྐྱེ་མཆེད་རྣམས་ལ་བདག་གོ་སྙམ་པ་དང་། སྐྱེ་མཆེད་རྣམས་ལས་བདག
188a8 གཞན་ནོ།། སྙམ་པ་དང་། སྐྱེ་མཆེད་རྣམས་ལ་བདག་གོ།། སྙམ་པ་དང་། བདག་ལ་སྐྱེ་མཆེད་རྣམས་སོ་སྙམ་པ་དང་། ཚོར་པོ་དག་གོ་སྙམ་པ་དང་། ཚོར