| e-texts navigator |
| Wylie |
187b1 བསྟན་པ་འམ། ཟེར་ཟུག་པའམ་དེ་བཞིན་ཉིད་དམ། མ་ནོར་པ་དེ་བཞིན་ཉིད་མཱ། གཞན་མ་ཡིན་པ་དེ་བཞིན་ཉིད་གང་ཡང་མེད་ཀྱི། སྒྱུ་མ་དེ་ནི་ཡོད། སྒྱུ་མར
187b2 བྱས་པ་དེ་ནི་ཡོད།། སེམས་རྨོངས་པར་བྱེད་པ་དེ་ནི། ཡོད་དེ། གང་ཅི་ཡང་ཡོད་པ་དང་། དེ་བཞིན་དུ་རྣ་བས་རྣམ་པར་ཤེས་པར་བྱ་བ་སྒྲ་རྣམས་དང་། སྣས་རྣམ་པ
187b3 ཤེས་པར་བྱ་བ་དྲི་རྣམས་དང་། ལྕེའི་རྣམ་པར་ཤེས་པར་བྱ་བ་རོ་རྣམས་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པ
187b4 བྱ་བ་ཆེའི་སྐྱེ་མཆེད་ལ་ཡང་སྐྱབས་མེད་པ་དང་། མགོན་མེད་པ་དང་། སྟོབས་མེད་པ་དང་། ཉམ་ཆུང་བ་སྟེ། དེ་ལ་རྟག་པ་འམ། བསྟན་པ་འམ། ཐེར་གཟུགས
187b5 པ་འམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་དམ། གཞན་མ་ཡིན་པ་དེ་བཞིན་ནི་གང་ཡང་མེད་ཀྱི་སྒྱུ་མ་དེ་ནི་ཡོད།། སྒྱུ་མར་བྱས་པ་དེ་ནི་ཡོད། སེམས་རྨོངས་པར
187b6 བྱེད་པ་དེ་ནི་ཡོད་དོ།། གང་ཅི་ཡང་རུང་ཡོད་པར་ཕྱིའི་སྐྱེ་མཆེད་དྲག་པོ་དེ་ལྟར་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉིན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང
187b7 ཡོངས་སུ་རྟོག་པ་ན། འཕགས་པའི་བདེན་པ་བཞི་རབ་ཏུ་ཤེས་སོ།། བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་།
187b8 སྡུག་བསྔལ་འགོག་པར་འགྲོ་བའི་ལས་འཕགས་པའི་བདེན་པ་ཞེས་བྱ་བ་འཕགས་པའི་བདེན་པ་བཞི་པོ་དེ་དག་གོ།། ཕུང་པོ་ལྔ་རྣམས་དང་། ཁམས་དྲུག