e-texts navigator
Collection
Volume
Page
Wylie

187a1 དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་ཏུ་འབར་བ་དང་། སྐྱེ་བ་དང་རྒ་བ།
187a2 དང་། ན་པ་དང་འཆེ་བ་དང་། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏུ་དྲུག་གི་མེ་ཀུན
187a3 ཏུ་འབར་བ་དང་།། སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
187a4 འཁྲུག་པ་རྣམས་ཀྱིས་ཀུན་ཏུ་འབར་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་ཀུན་ཏུ་འབར་དང་། ས་སོ།། གཞ
187a5 ཡང་ཕྱིའི་སྐྱེ་མཆེད་དྲུག་རབ་དག་རབ་ཏུ་ཤེས་སོ།། གཞན་དམིག་གིས་རྣམ་པར་ཤེས་པར་བྱ་བ་གཟུགས་རྣམས་ཕྱིའི་སྐྱེ་མཆེད་དང་། རྣ་བས་རྣམ་པར
187a6 ཤེས་པར་བྱ་བ་སྒྲ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བ་དྲི་རྣམས་དང་། ལྕེས་རྣམ་པར་ཤེས་པར་བྱ་བར་བྱ་བ་རོ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས
187a7 པར་བྱ་བར་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཕྱིའི་སྐྱེ་མཆེད་རྣམས་ཤེས་བྱ་བ་སྟེ།། སྐྱེ་མཆེད་དྲག་པོ་དེ་དག་གོ།། དེ་ལ་མིག
187a8 གིས་རྣམ་པར་ཤེས་པར་བྱ་བ་གཟུགས་ཀྱི་ཕྱིརའི་སྐྱེ་མཆོད་ལ་སྐྱབས་མེད་པ་དང་། མགོན་མེད་པ་དང་། སྟོབས་མེད་པ་དང་ཉམ་ཆུང་བ་སྟེ།། དེ་ལ་རྟག་པ་འ
187a9 དེ་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་དག་རབ་ཏུ་ཤེས་སོ།།




iiif viewer powered by OpenSeadragon

186b - 187b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo