e-texts navigator
Collection
Volume
Page
Wylie

186b1 དུ་མི་གནས་པ་དང་། ནོར་བ་ལ་ནི་ནུའི་ཆུ་བུར་དང་། ངན་པ་དང་འཇིགས་པ་དང་། རིང་དུ་མི་གནས་པ་དང་། འདུ་ཤེས་ལ་ནི་མིག་རྒྱུ་ལྟ་བུ་དང་། ངན་པ་དང་འཇིགས
186b2 པ་དང་། རིང་དུ་མི་གནས་པ་དང་། འདུ་བྱེད་རྣམས་ལ་ནི་རྐུ་ཤིང་ལྟ་བུ་དང་། ངན་པ་དང་འཇིགས་པ་དང་། རིང་དུ་མི་གནས་པ་དང་།། རྣམ་པར་ཤེས་པ་ལ་ནི་སྒྲ་མ
186b3 ལྟ་བུ་དང་། ངན་པ་དང་འཇིགས་པ་དང་། རིང་དུ་མི་གནས་པར་དེ་ལྟར་ཕུང་པོ་ལྔ་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངསུ
186b4 རྟོག་པ་ན། ནང་གི་སྐྱེ་མཆེད་དྲུག་རབ་ཏུ་ཤེས་ཏེ། མིག་ནིང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ནང་གི་སྐྱེ་མཆེད་ཅེས་བྱ་བ་ནང་སྐྱེ
186b5 མཆེད་དྲུག་པོ་དེ་དག་གོ།། དེ་ལ་མིག་ནང་གི་སྐྱེ་མཆེད་ནི། ན་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ
186b6 དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མཽ་དང་། གཏི་མུག་གི་མེ་ཀུན་ཏུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བའི་དང་། མྱ་ངན་དང་།
186b7 སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཇུག་པ་རྣམ་ཀྱིས་ཀུན་ཏུ་འབར་བ་དང་། སྡུག་བསྔལ་གྱིས་ཀུན་ཏུ་འབར་བར་ཏ་ཤེས
186b8 སོ།། དེ་བཞིན་རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་། ཡིད་ནང་གི་སྐྱེ་མཆེད་ལ་ཡང་ན་བའི་ནྡན་དང་། རྒ་བའི་ཆོས་ཅན། འཆི་བའི་ཆོས་ཅན་དང་ཀཾ་བདག




iiif viewer powered by OpenSeadragon

186a - 187a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo