| e-texts navigator |
| Wylie |
186a1 པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་དང་། མངོན་པར་འབྱུང་བའི་ཁམས་དང་།། གནོད་སེམས་མེད
186a2 པའི་ཁམས་དང་། རྣམ་འཚེ་བ་མེད་པའི་ཁམས་དང་། ཁམས་དྲུག་པོ་དེ་དག་རབ་ཏུ་ཤེས་སོ།། གཞན་ཡང་ཁམས་དྲུག་རབ་ཤེས་ཏེ། དྲུག་གང་ཞེ་ན། སའི་ཁན
186a3 དང་། ཆུའི་ཁམས་དང་། མེའི་ཁམས་རླུང་གི་ཁམས་དང་། ན་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ།། ཁམས་དྲག་པོ་དེ་དག་རབ་ཏུ་ཤེས་སོ།།
186a4 དེ་ལ་སོའི་ཁམས་ནི་མི་བརྟན་པ་འགྱུར་བའི་ཆོས་ཅན་ཏེ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ།། སྡུག་བསྔལ་བ་གང་ཡིན་པ་དེ་བདག་མེད་པའོ།། དེ
186a5 བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་མི་རྟག་པ། མི་བརྟན་པ་འགྱུར
186a6 བའི་ཆོས་ཅན་ཏེ།། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ།། སྡུག་བསྔལ་བ་གང་ཡིན་པ་དེ་དག་མེད་པ་སྟེ། དེ་ལྟར་ཁམས་དྲག་རབ་ཏུ་ཤེས་སོ།། དེ་ཆོས
186a7 དེ་དག་གཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ནི། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་།
186a8 འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་རབ་ཏུ་ཤེས་སོ།། གཟུགས་ལ་དབུ་བ་རྡོས་པ་ལྟ་བུ་དང་། ངན་པ་དང་འཇིགས་པ་དང་རིང