e-texts navigator
Collection
Volume
Page
Wylie

185b1 དགེ་རླུང་དང་མང་མེང་དགེ་དང་དགེ་རྒྱས་དང་། སྤྲིན་མེང་དང་། བསོད་ནམས་སྐྱེས་དང་། འབྲས་བུ་རྩེ་དང་། འདུ་ཤེས་རྨེད་པའི་སེམས་ཅན་དང་། མིས་པ་དང་།
185b2 མི་གདུང་བ་དང་། གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཏེ། གང་དེ་དག་ལ་འདུན་པ་དང་། ཆགས་པ་དང་། ཞེ་སྡང་དང་གཏི་མུག་པ་དང་། ཡིད
185b3 ཀྱིས་སྨོན་པ་དང་། སྨོན་ལམ་འདེབས་པ་དང་། མངོན་པར་འདུ་བྱེད་པ་དེ་ནི་གཟུགས་ཀྱི་ཁམས་ཞེས་བྱའོ།། གཟུགས་མེད་པའི་ཁམས་གང་ཞེ་ན།། ན་མཁའ་མཐའ
185b4 ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་འགྲོ་བའི
185b5 རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེད་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ།། གང་དེ་དག་ལ་འདུན་པ་དང་། ཆགས་པ་དང་ཞེ་སྡང་དང་གཏིགས
185b6 པ་དང་། ཡིད་ཀྱིས་སྨོན་པ་དང་། སྨོན་ལམི་འདེབས་པ་དང་། མངོན་པར་འདུ་བྱེད་པ་གང་ཡིན་དེ་ནི། གཟུགས་མེད་པའི་ཁམས་ཤེས་བྱ་སྟེ། དེ་ལྟར
185b7 ཁམས་གསུམ་རབ་ཏུ་ཤེས་སོ།། གཞན་ཡང་ཁམས་བཞི་རབ་ཏུ་ཤེས་ཏེ། བཞི་གང་ཞེ་ན། འདོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འདུས
185b8 བྱས་ཀྱི་ཁམས་ཤེས་བྱ་བ་ཁམས་བཞི་པོ་དེ་དག་སྟེ། དེ་ལྟར་ཁམས་བཞི་རབ་ཏུ་ཤེས་སོ།། གཞན་ཡང་ཁམས་དྲུག་རབ་ཏུ་ཤེས་སོ།། དྲུག་གང་ཞེ་ན། འདོད
185b9 གཟུགས་ཀྱི་ཁམས་དང་།




iiif viewer powered by OpenSeadragon

185a - 186a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo