e-texts navigator
Collection
Volume
Page
Wylie

185a1 ཡང་རུང་སྟེ། ཞེ་སྡང་མེད་པ་དང་། ཞེ་སྡང་མེད་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། གཏི་མུག་མེད་པ་དང་། གཏི་མུག་མེད་པ་དང་ལྡན།
185a2 པ་དེ་ནི་དགེ་བའི་ཁམས་ཤེས་བྱའོ།། གང་ཅི་ཡང་རུང་སྟེ། ཆགས་པ་དང་ཆགས་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། གཏི་མུག་དང་ཏི་མུག་དང་ལྡན་པ
185a3 དེ་ནི་མི་དགེ་བའི་ཁམས་ཞེས་བྱའོ།། དེ་གཉིས་ལ་མ་གཏོགས་པ་ནི་ལུང་དུ་མ་བསྟན་པ་ཉིད་དེ། དེ་ལྟར་ཁམས་གསུམ་རབ་ཏུ་ཤེས་སོ།། གཞན་ཡང་ཁམས
185a4 གསུམ་རབ་ཏུ་ཤེས་ཏེ།། གསུམ་གང་ཞེ་ན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམ་སོ་དེ་འདོད་པའི་ཁམས་གང་ཞེ་ན།
185a5 སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་ལྷ་མ་ཡིན་དང་། མི་འམ་རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ད
185a6 འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་རྣམས་ཏེ།། གང་དེ་དག་ལ་འདུན་པ་དང་། ཆགས་པ་དང་ཞེ་སྡང
185a7 དང་། གཏི་མུག། དང་། ཡིད་ཀྱིས་སྨོན་ལྷམ་དང་། སྨོན་ལམ་འབེབས་པ་དང་། མངོན་པར་འདུ་བྱེད་པ་དེ་ནི་འདོད་པའི་ཁམས་ཤེས་བྱའོ།། གཟུགས་ཀྱི་ཁམས
185a8 གང་ཞེ་ན། ཚངས་རིས་ཀྱིས་ལྷ་རྣམས་དང་།། ཚངས་པའི་འདུན་ན་འདོན་རྣམས་དང་། ཚངས་ཆེན་དང་། འོད་ཆུང་དང་དང་། ཚད་མེད་འོད་དང་། འོགས




iiif viewer powered by OpenSeadragon

184b - 185b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo