| e-texts navigator |
| Wylie |
183b1 དུས་དུས་སུ་འམ་ཅུང་ཟད་ཅུང་ཟད་དུ་ཡང་སེམས་རྩེ་གཅིག་ཏུ་བྱ་བ་དང་། སེམས་མཉམ་པར་གཞག་པར་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས
183b2 སུ་རྫོགས་པར་བྱ་བར་རྩོལ་ལོ།། འབད་དོ། སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ།། ལགས་བཟངས་བྱང་ཆུབ་སེམ
183b3 དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེསུ་དྲན་པ་དང་། བྱང་ཆུབ་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ།
183b4 སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་སེམས་མཉམ་པར་བཞག་པ་དེ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་ཡིན་ནོ།།
183b5 དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་སེམས་མ་ཉམས་པར་བཞག་པ་སྐྱེད་པར་འདོད་པ་དང་།
183b6 བསློབ་ཀྱི་སེམས་མཉམ་པར་བཞག་པ་སྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་སེམས་མཉམ་པར་བཞག་པ་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབས་པའི
183b7 སེམས་མཉམ་པར་བཞག་པ་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི། སེམས་མཉམ་པར་གཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བའི་མཐའ
183b8 ཡས་མུ་མེད་པ་ཡིན་ནོ།། ལགས་བཟངས་དེ་ལྟ་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིན་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔམ་དུ