e-texts navigator
Collection
Volume
Page
Wylie

183a1 ལ་མི་གནས་པ། རྣམ་པར་ཤེས་པའི་ཁམས་ལ་མི་གནས་འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས་པར་བསམ་གཏན་བྱེད་དོ།།
183a2 དེ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་བླ་ན་མེད་པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། བསམ་གཏན་ལ་གནས་ཤིང་བསམ་གཏན་དགའ་འོ།། དེ་བསམ་གཏན་དེ་དང་ཏིང
183a3 ངེ་འཛིན་དེ་ལ་བསམ་གཏན་བྱེད་པར་འདོད་པ་དང་། སྙོམས་པར་འཇུག་པར་འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་།
183a4 སེམས་ཅན་ཐམས་ཅད་དབྱུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི
183a5 ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། བསམ་གཏན་བྱེད་པ་དང་། བསམ་གཏན་བྱས་པ། ལངས་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས
183a6 ཅད་དགྲོལ་བ་དང་། སེམས་ཅན་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར
183a7 བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། གལ་ཏེ་བསམ་གཏན་དེ་དང་ཏིང་ངེ་འཛིན་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ
183a8 སྟེ། དུས་སུ་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སེམས་རྣམ་པར་གཡེང་བ་དང་། ཏིང་ངེ་འཛིན་མ་ཡིན་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ་འབད་དོ།།




iiif viewer powered by OpenSeadragon

182b - 183b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo