| e-texts navigator |
| Wylie |
182b1 ཡས་སོ།། ཞེས་མཚན་མར་ཡིད་ལ་བྱེད་པསཟད་པར་ནུ་དང་། ཟད་པར་མེད་ང་ཟད་པར་རླུང་དང་། སྔོན་པོ་དང་ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་།
182b2 ཟད་དཀར་པོ་དང་། ཟད་པར་ན་མཁའ་དང་། ཟད་པར་རྣམ་པར་ཤེས་པར་བསྒྲུབས་ཏེ་གནསོ།། དེ་སྙོམས་པར་འཇུག་པ་ན་དགེ་བའི་རྩ་བ་ཐམས་ཅད་ལ་དམིག
182b3 བྱ་ལ་སེམས་ཉེ་བར་འདོགས་ཏེ། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི
182b4 རིགས་མི་ཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་སྐྲ་དང་རྒྱན་ལ་དམིགས་པ་དང་། སངས་རྒྱས་ཀྱི་གསུངས་ཚངས་པའི་དབྱངས་ལ་དམིགས་པ
182b5 དང་། སྔོན་གྱི་སྨོན་ལམ་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དམིགས་པ་དང་། འཇིག་རྟེན་རྣམ་པར་བྱང་བ་བྱ་བ་ལ
182b6 དམིགས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་དཀར་པོ་ལ་དམིགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དམིགས་པ་དང་། སེམས་ཅན་ཐམས
182b7 ཀྱི་ཉོན་མོངས་པ་གཞོམ་པ་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་སོ།། དེ་བསམ་གཏན་བྱེད་པ་ན་རྣམ་པར་ཤེས་པའི་གནས་བཞི་དང་ལྡན་པར་བས
182b8 གཏན་བྱེད་དོ།། སའི་ཁམས་ལ་མི་གནས། ཆུའི་ཁམས་ལ་མི་གནས། མེའི་ཁམས་ལ་མི་གནས། རླུང་གི་ཁམས་ལ་མི་གནས། ན་མཁའི་ཁམས