e-texts navigator
Collection
Volume
Page
Wylie

182a1 ། ནྱ་ཏྱ། མེད་པ་དང་། རྡུལ་དུ་གྱུར་པ་ལ་ཡང་མེད་པའི་འདུ་ཤེས་སུ་རྣམ་པར་འཇིག་པ་བསྒོམས་ཤིང་བསྒྲུབས་ཏེ། ནང་གཟུགས་མེད་པར་འདུ།
182a2 ཤེས་པས། ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་མཚན་ཉིད་ཡིད་ལ་བྱེད་པས། ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་གསུམ་པ་བསྒྲུབ
182a3 ཏེ་གནས་སོ།། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གཟུགས་ཚད་མེད་པ་ཁ་དོག་བཟངས་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར
182a4 ཡིད་ལ་བྱེད་པས། ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་བཞི་པ་བསྒྲུབས་ཏེ་གནས་སོ།། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས།
182a5 སྔོན་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པ་བསྒྲུབ་ཏེ་གནས་སོ།། དེ་དེ་བཞིན་དུ་ནང་གཟུགས།།
182a6 མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་སེར་པོ་དང་། དམར་པོ་དང་། དཀར་པོ་དང་།། ཚད་མེད་པ་ཡིད་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས།།
182a7 ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པ་དང་། བདུན་པ་དང་བརྒྱད་པ་བསྒྲུབས་ཏེ་གནས་སོ།། དེས་འདི་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས
182a8 ཟད་པར་སར་བསྒྲུབས་ཏེ་གནས་སོ།། དེ་ཆུ་དང་མེ་དང་ཀླུང་དང་། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ན་མཁའ་དང་། རྣམ་པར་ཤེས་པ་མ




iiif viewer powered by OpenSeadragon

181b - 182b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo