| e-texts navigator |
| Wylie |
181b1 འདུ་ཤེས་བསྒྲུབ་ཏེ་གནས་སོ།། དེ་འཆི་བའི་མཚན་མ་ཡིད་ལ་བྱེད་པས། འཆི་བའི་འདུ་ཤེས་བསླབས་ཏེ་གནས་སོ།། དེ་ན་པ་དང་དགའ་བའི་མཚན་ཉིད་མ་ཡིད
181b2 ཡོ་བྱེད་པས་ཉེས་དམིགས་ཀྱི་འདུ་ཤེས་བསྒྲུབ་ཏེ་གནས་སོ།། དེ་ཁ་ཟས་ཡོངས་སུ་ཚོལ་བ་དང་། འགྱུར་བ་ལ་ནད་ཀྱི་རྒྱུ་དང་། གནོད་པའི་རྒྱུད་ཡིད་ལ་བྱེད་པས།
181b3 ཁ་ཟས་ལ་མི་འཐུན་པའི་འདུ་ཤེས་བསྒྲུབ་ཏེ་གནས་སོ།། དེ་ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་། ལྗོངས་ཀྱི་འཇིག་རྟེན་ཐམས་ཅད་ལ་འབྱོར་པ་དང་འབྲལ་བའི
181b4 མཚན་ཉིར་ཡིད་ལ་བྱེད་པ་དང་། ནགས་ཚལ་རྨང་དུ་བྱུང་བ་དང་། ཀུན་དགའི་ར་བ་རྨད་དུ་བྱུང་བ་དང་། བྲལ་བའི་མཚན་མར་ཡིད་ལ་བྱེད་པས་འཇིག
181b5 རྟེན་གྱི་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྒྲུབ་སྟེ་གནས་སོ།། དེ་ནང་གཟུགས་ཚད་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་དུ་ཁ་དོག་བམ
181b6 བོ་དང་ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་ཀྱི་གནོན་པའི་སྐྱེ་མཆེད་དང་པོ་བསྒྲུབས་ཏེ་གནསོ།། དེ་ནང་གཟུགསུ་འདུ་ཤེས་པས
181b7 ཕྱི་རོལ་གྱི་གཟུགས་ཆུ་ངུ་མེད་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལེ་བྱེད་པས་ཟིལ་ཀྱིས་གནོན་པས་པའི་སྐྱེ་མཆེད་གཉིས
181b8 པ་བསྒྲུབས་ཏེ་གནས་སོ། དེ་ཤི་བའི་ལུས་བསྲེག་པ་དེ་ལ་རུང་ངམ་ཆུས་ཐལ་བ་ཡང་མེད་པར་བྱེད་པའི་འདུ་ཤེས་དང་། ཞིགས་པ་ལ་ཕྱེ་མ་ཡང