e-texts navigator
Collection
Volume
Page
Wylie

181a1 ། པ་ཚད་མེད་པ་བསྒྲུབ་སྟེ་གནས་སོ།། སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བའི་འདུ་ཤེས་ཡིད་ལ་བྱེད་པས་སྙིང་རྗེ་ཚད་མེད་པ་བསྒྲུབས་ཏེ་གན་སོ།།
181a2 དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས་དགའ་བ་ཚད་མེད་པ་བསྒྲུབས་ཏེ། གནས་སོ།། དེ་སེམས་ཅན་རྣམས་ལ་སྡུག་བསྔལ་ཡང་མེད་པ་ཡིད་ལ་བྱེད
181a3 བས། བཏང་སྙོམས་ཚད་མེད་པ་བསྒྲུབས་ཏེ་གནས་ཏེ།། དེ་གཟུགས་ལ་རགས་པས་འདུ་ཤེས་ཡིད་ལ་མི་བྱེད་ཅིང་།། ན་མཁའ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས།།
181a4 ན་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲིབས་ཏེ་གནས་སོ།། དེ་རྣམས་པར་ཤེས་པ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་རྣམ་ཤེས་མཐའ་ཡས་སྐྱེད་མཆེད་བསྒྲུབས
181a5 ཏེ་གནས་སོ།། དེ་ཅི་ཡང་མེད་པ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་རྣམ་ཤེས་ཅི་ཡང་མེད་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ།། དེ་འདུ་ཤེས་མེད་འདུ་ཤེསེ་མེ
181a6 མིན་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གིན་སོ།། དེ་རང་གི་དབུགས་རྔུབ་པ་དང་། འབྱུང་བ་ཅི
181a7 སྤྱིར་གནས་ཤིང་ཅི་ལྟར་འདུག་པ་བཞིན་དུ་རྒྱུན་ཐུང་བ་རྣམས་ལ་ཡང་རྒྱུན་ཐུང་བའི་འདུ་ཤེས་དང་། རྒྱུན་རིང་བ་རྣམས་ལ་ཡང་རྒྱུན་རི་བའི་འདུ་ཤེས་ཡིད་ལ
181a8 བྱེད་པས། དབུགས་རྔུབ་པ་དང་འབྱུང་པོ་བསྒྲུབས་ཏེ་གན་སོ།། དེ་སེམས་ཅན་གྱི་ལུས་རྣམས་ལ་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས། མི་སྡུག་པའི




iiif viewer powered by OpenSeadragon

180b - 181b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo