| e-texts navigator |
| Wylie |
180b1 མི་བྱེད་པ་དང་། སྐོམ་པ་འཕེལ་བར་བྱེད་པའི་ཕྱིར་ཆ་ནུ་ལྟར་ཡིད་ལ་བྱེད་དོ།། དེ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ
180b2 དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ།། དེ་རྟོག་པ་དང་དཔྱོད་པ་དང་།།
180b3 བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབ་སྟེ། གནས་སོ།། དེ་རྟོག་པ་དང་དཔྱོད་པ་དང་། བྲལ་ཞིང་ནང་ཡོངས་སུ
180b4 དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ
180b5 བསྒྲུབ་ཏེ་གནས་སོ།། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ།
180b6 འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ།། ཞེས་བརྗོད་པ་སྟེ། བསམ་གཏན་གསུམ་པ་བསྒྲུབ་སྟེ་གནས་སོ།།
180b7 དེ་བ་དེ་བས་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་བླང་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡི
180b8 བ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་སྒྲུབ་ཏེ་གནསོ།། དེ་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས