e-texts navigator
Collection
Volume
Page
Wylie

180a1 དང་། དབེན་པ་དང་ལང་ལོང་རྣམས་ཡང་མཉམ་ཞིང་འགྱུར་བ་མེད་དེ།། མ་ཁེངས་མདུད་པ་ཡིན། གཟུགས་སྡུག་པ་དང་། མི་སྡུག་པ།
180a2 རྣམས་ལ་ཡང་འཐུན་པ་དང་མི་འཐུན་པ་མེད་པ་ཡིན། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་སྡུག་པ་དང་། མི་སྡུག་པ་རྣམས་ལ་ཡང་མཐུན་པ་དང་མི་མཐུན
180a3 པ་ཡིན་ནོ།། དེ་འདོད་པ་རྣམས་ནི་རང་གི་སེམས་ཀྱིས་ཀུན་ཏུ་བསླང་ནས། ལོག་པར་རྣམ་པར་རྟོག་པས་རོ་མྱང་བ་ཡིན་པས་ཀེང་རུས་ལྟ་བུར་ཡིད་ལ་བྱེད
180a4 དོ།། འདོད་པ་རྣམས་ནི་དགྲ་མང་བའི་ཕྱིར་ཤ་སྣ་གུ་ལྟ་བུར་ཡིད་བྱེད་དོ།། འདོད་པ་རྣམས་ནི་བླངས་ན་སྡུག་བསྔལ་ལ་ཡོངས་སུ་བཏང་ན་བདེ་བ་རྩཝ་མེ
180a5 ལྟ་བུར་ཡིད་བྱེད་དོ།། འདོད་པ་རྣམས་ནི་གནོད་པ་མང་བའི་ཕྱིར་ཤིང་གི་རྩེ་མོའི་ཤིང་རྟོག་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས་ནི་དབང་བྱེད་པ་མ་ཡིན་པའི
180a6 ཕྱིར། སློང་བ་པ་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས་ནི་སྐད་ཅིག་ཙམ་ཞིག་ནོར་པས་དགའ་བའི་ཕྱིར་རྨི་ལམ་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས
180a7 ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ཕྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་མཛེ་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས་ནི་ཉེས་པར་སྤྱོད་པ་ཟམ་ཅད་ཀྱི་དངོས
180a8 པོ་ཡིན་པ་དང་། ངན་འགྲོ་ལེག་པར་ལྟུང་བ་དང་། སེམས་ཅན་དམྱལ་བའི་མཐའ་ཡིན་པས་མཆིལ་བ་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས་ནི་ངོམས་པ




iiif viewer powered by OpenSeadragon

179b - 180b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo