| e-texts navigator |
| Wylie |
179b1 འགྲོ་འམ་འགྲེང་ངམ། འདུག་གམ་ཉལ་ལམ་ཅང་མི་སྨྲ་བར་གྱུར་ཀྱང་རུང་སྟེ། མཉམ་པར་བཞག་པའི་གནས་དང་། ཞི་གནས་ཀྱི་གནས་མི་འདོར་རོ།། རྣམ་པར་མི
179b2 འདོར་རོ།། དེ་ལག་པ་མི་རྒོད་པ་དང་། མུ་ཅོར་མི་སྨྲ་བ་དང་། ཚིག་མི་མང་བ་དང་། མིག་མི་གཡེང་བ་དང་། དབང་པོ་མི་གཡེང་བ་དང་། མི་པ་རྒོད་པ་དང་།
179b3 ཏོ་མ་ཅོལ་མེད་པ་དང་། ལུས་འཁྲུལ་པ་མེད་པ་དང་། ངག་འཁྲུལ་པ་མེད་པ་དང་། སེམས་ཅན་འཁྲུལ་པ་མེད་པ་དང་། དབེན་ཡང་རུང་མི་དབེན་ཡང་རུང་། སྤྲོད
179b4 ལམ་མི་ཉམས་པ་ཡིན་ནོ།། བཟའ་བ་དང་། བཏུང་བ་དང་མལ་ཅ་དང་། སྟན་དང་། གནས་དང་། ན་བའི་གསོས་སྨན་དང་། ཡོད་བྱེད་ཇི་ལྟ་བུ་ཡང་རུང་བ་དག་གིས
179b5 ཆོ་ག་ཤེས་ཤིང་། གསོ་སླ་བ་དང་། དགང་སླབ་དང་། རིམ་གྲོ་བྱ་སླ་བ་དང་། ཆོ་ག་དང་སྤྱོད་ཡུལ་དགེ་བ་དང་། འདུ་འཛི་ལས་དབེན་པའི་སྤྱོད་ཡུལ་ཡིན།། ཐོག
179b6 པ་དང་མ་ཐོབ་པ་ལ་མཉམ་ཤིང་འགྱུར་བ་མེད་དེ། མ་ཁེངས་མདུད་པ་ཡིན། བདེ་བ་དང་། སྡུག་བསྔལ་བ་དང་། བསྟོད་པ་དང་། སྨང་བ་དང་། གྲགས་པ
179b7 དང་། མ་གྲགས་པ་དང་། འཚོ་བ་དང་། འཆི་བ་ལ་མཉམ་ཞིང་འགྱུར་བ་མེད་དེ། མ་ཁེངས་མ་དུད་པ་ཡིན། མཛའ་བོ་དང་། དགྲ་དང་དགེ་བ་དང་། མི་དགེ
179b8 བ་དང་། ཡིད་དུ་འོང་བ་དང་། མཐུན་པ་དང་། ཡིད་དུ་མི་འོང་བ་དང་། མི་འཐུན་པ་དང་། འཕགས་པ་དང་། འཕགས་པ་མ་ཡིན་པའི་ཆོས་རྣམས