| e-texts navigator |
| Wylie |
179a1 མྱུར་དུ་སྐྱེན་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།།
179a2 བམ་པོ།། །། ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ
179a3 བྱང་ཆུབ་སེམས་དཔའ་མིག་གིས་གཟུགས་རྣམས་ཐོང་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། གང་གི་ཕྱིར་མིག་གི་དབང་པོ་སྡོམས
179a4 བས་སྡོམས་པར་གནས་པས། འཇིག་རྟེན་ན་བརྣ་བ་སེམས་དང་མི་བདེ་བ་དང་། སྡིག་མི་དགེ་བའི་ཆོས་རྣམས་ལ་སེམས་རྗེས་སུ་ཟག་པ་དེ་དག་བསྡམས་པའི
179a5 ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། མིག་གི་དབང་པོ་སྡོམས་པར་བྱེད་དོ།། དེ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་པ་དང་། སྣ་དྲིས་རྣམས་ཚོར་བ་དང་། ལྕེས་རོ་རྣམས་མྱོང
179a6 བ་དང་། ལུས་ཀྱིས་རེག་བྱ་རྣམས་ལ་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ།
179a7 གང་གི་ཕྱིར་ཡིད་ཀྱི་དབང་པོ་སྡོམས་བསམ་བསྡམས་པར་གནས་པས་འཇིག་རྟེན་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིགས་པ་མི་དགེ་བའི་ཆོས
179a8 རྣམས་ལ། སེམས་རྗེས་སུ་ཟག་པ་དེ་དག་བསྡམས་པའི་ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། ཡིད་ཀྱི་དབང་པོས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ།། དེ