| e-texts navigator |
| Wylie |
178b1 དུ་ཡང་སྙོམ་ལས་དང་ལེ་ལོ་སྤང་བ་དང་། དོར་བ་དང་བསྩལ་བར་རྩོལ་ལོ།། འབད་དོ།། དུས་དུས་སུ་འམ་ཆུང་ཟད་ཆུང་ཟད་དུ་ཡང་བརྩོན་འགྲུས་དང་རྟུལ་པ་ལ
178b2 སློབ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ།། འབད་དོ།། སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྐྱིད་རྩ
178b3 པར་མི་འགྱུར་རོ།། ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་།
178b4 བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་བརྩོན་འགྲུས་དགེ་བ་དང་། རྩོལ
178b5 བ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད
178b6 པའི་བརྩོན་འགྲུས་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་བརྩོན་འགྲུས་ཡང་དག་པར་སྐྱེད་པར་འདོད་པ་དང་།། མི་སློབ་པའི་བརྩོན་འགྲུས་འདོད་པ
178b7 དང་། མི་སློབ་པའི་བརྩོན་འགྲུས་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི་བརྩོན་འགྲུས་དགེ་བ་དང་། རྩོལ་བ་དགེ་སློངབ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ནི་དམ
178b8 བ་ཡིན་ནོ།། ལག་བཟངས་དེ་ལྟ་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད་བདེ་བ་དང་ལྡན་ཞིང་ཚོགས་ཅུང་ངུ་དང་། སྡུག་བསྔལ་ཆུང་ངུས