e-texts navigator
Collection
Volume
Page
Wylie

178a1 པ་ནི་མཐུང་ཐུང་དག་གིས་བཟློག་ཀྱང་། དེ་མི་མཉམ་པ་དང་། མཉམ་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བ་ཐོབ་པར་བྱ།
178a2 དང་། སྤྱོད་ལམ་དང་། ཕ་རོལ་ཏུ་ཕྱིན་པ་དྲག་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པར་བྱ་བའི་ཕྱིར། བརྩོན་འགྲུས་བསྟན་ཞིང་བརྟུལ་བ་བསྟན་ནོ།།
178a3 དེ་བརྩོན་འགྲུས་འདི་དང་རྟུལ་བ་འདི་མངོན་གསུམ་དུ་བྱ་བར་འདོད་པ་དང་། བརྩམ་པར་འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྐུལ་བ་དང་། སེམས
178a4 ཅད་དགྲོ་ལ་བ་དང་། སེམས་ཅན་ཐམས་ཅད་དབུ་གོས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས
178a5 ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། མངོན་གསུམ་དུ་བྱས་པ་དང་། བརྩམས་ནས་ཀྱང་སེམས་ཅན་ཐམས་ཅད་ངསྒྲལ
178a6 བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་ཐོབ་པར་བྱ་བ་དང་།། སངས
178a7 རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ།། གལ་ཏེ་བརྩོན་འགྲུས་འདི་མ་ཉམས་པ་དང་། སྐྱོན་མེད་པ་དང
178a8 འདྲེན་མོ་མ་ཡིན་པར་སློབ་པའི་ནུས་པ་དང་། མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ་ཅུང་ཟད་ཆུང་ཟར




iiif viewer powered by OpenSeadragon

177b - 178b

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo