e-texts navigator
Collection
Volume
Page
Wylie

177b1 འོས་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པ་ལ་འཛུད་དོ།། འདུལ་ལོ་འགོད་དོ།། རང་སངས་རྒྱས་ཀྱི་ཐེག་པ་ལ་འོས་པ་རྣམས་ནི་སངས་རྒྱས་ཀྱི་ཐེག་པ་ལའོ།། རྫོགས་པའི
177b2 བྱང་ཆུབ་ཀྱི་ཐེག་པ་ལ་འཛུད།། འདུལ་ལོ་འགོད་དོ།། མཁས་པ་ལེ་ལོ་མེད་པ་ནི། མདུང་ཐུན་དག་གིས་བཟློག་ཀྱང་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་དམ
177b3 བའི་ཆོས་ཀྱི་རྒྱུ་དང་། དམ་པའི་ཆོས་ཀྱི་ཚོད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆེད་དང་། དགེ་བའི་རྒྱུ་དང་། དགེ་བའི་ཆེད་དང་། གྲང
177b4 བ་ཡང་ཁྱད་དུ་གསོད། ཚ་བ་དང་བཀྲེས་པ་དང་། ཀོམ་པ་དང་།། ཤ་སྦྲང་དང་། བྲང་བུ་དང་། རླུང་དང་། ཉི་མ་དང་སྡིག་སྦྲུལ་གྱིས་རེག་པ་དང་། གཞན་གྱིས
177b5 ངན་དུ་སྨྲས་པ་དང་། ངན་དུ་བརྗོད་པའི་ཚིག་གི་ལམ་དང་། ངལ་བ་དང་། ཉོན་མོངས་པ་དང་། གཉིད་དང་། མི་དགའ་བ་དང་། ལུས་དང་སྲོག་ཀྱང་ཁྱད་དུ།
177b6 གསོདོ་དེ། མཁས་པ་ལཻ་ལོ་མེད་པ་ནི་མདུང་ཟུང་དག་གིས་བཟློག་ཀྱང་། དེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཆེད་ལ་ལྷོའི
177b7 སྡུག་བསྔལ་ཡང་ཁྱེད་དུ་གསོད་དོ།། ལྷ་མ་ཡིན་གྱི་སྡུག་བསྔལ་ཡང་ཁྱད་དུ་འཕགསོད་དོ།། མིའི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ།། ཡི་དགས་ཀྱི་སྡུག
177b8 བསྔལ་ཡང་ཁྱད་དུ་གསོད་དོ།། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། སེམས་ཅན་དམྱལ་བའི་སྡུག་སླེང་ཁྱེད་ཏུ་གསོད་དོ།། མཁས་པ་ལཱི་ནི་མེ




iiif viewer powered by OpenSeadragon

177a - 178a

Texts on this page

F51 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
F56 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo