| e-texts navigator |
| Wylie |
63b1 སེམས་ཅན་རྣམས་ཀྱི་ཤེས་པར་འགྱུར་བ་དེ་ལྟར་ཤེས་རབ་ཅེས་བྱའོ།། འདི་ནི་བཏགས་པ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན
63b2 པ་ཆོས་ཐམས་ཅད་གདགས་སུ་མེད། གཟུང་དུ་མེད། བཤད་དུ་མེད། སྣང་བ་མེད་དེ། དེ་ལྟར་བུར་ཀུན་དུ་རིག་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།
63b3 ཤེས་རབ་ཅེས་བྱ་བ་དེ་ནི་ཀུན་དུ་ཤེས་པ་འང་མ་ཡིན། ཀུན་དུ་མི་ཤེས་པ་ཡང་མ་ཡིན། དེ་ལས་ཀྱང་མ་ཡིན་པ་ལས་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཤེས་རབ
63b4 ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ནི་མི་ཤེས་པའི་སྤོད་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན། མི་ཤེས་པའི་སྤོད་ཡུལ་ཡང
63b5 མ་ཡི་ན། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡི་ན་ཏེ།། ཡེ་ཤེས་ནི་ཡུལ་མཽད་པའོ།། གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ན། མི་ཤེས་པར་འགྱུར་རོ།། ཡེ་ཤེས་དེ་ནི་མི
63b6 ཤེས་པ་ལས་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་ལས་མ་ཡིན། ཡེ་ཤེས་ནི་མི་ཤེས་པ་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཀྱི་ཡེ་ཤེས་ཅེས་བྱའོ།།
63b7 ཡེ་ཤེས་ཀྱི་མི་ཤེས་པ་ཞེས་མི་བྱའོ།། མི་ཤེས་པས་ཤེས་ཞེས་བྱའོ།། དེ་ལ་ཡེ་ཤེས་དེ་ནི་འདིའོ།། ཡེ་ཤེས་དེ་ནི་འདི་སོ།། ཡེ་ཤེས་དེ་ནི་འདིའི་ཕྱིརརོ།། ཡེ་ཤེས་ཅུང